日食+夏至+薩嘎三十
ཉི་འཛིན། ཉི་ལྡོག ས་ཟླའི་གནམ་གང་སྟེ་སུམ་འཛོམས་དུས་ཆེན།
日食+夏至+薩嘎三十
薩嘎月三十和日食同時出現,當天也將夏至。
今天再次向各位簡介一下今年薩嘎月底,(公曆)2020年6月21日這特殊的日子。 正如眾所周知,薩噶達瓦的除夕是釋迦摩尼佛、入胎、成道、涅槃" 三相最具備殊胜日,也是薩嘎月的最後一天,不僅如此,西藏自治區藏醫院的日曆裡藏歷 鐵鼠年唯一的日食也在薩嘎達瓦的三十日,日食不是偏食而是日環食。
ཉི་འཛིན། དེ་ཡང་བོད་རབ་གནས་ལྕགས་བྱི་ལོའི་ཟླ་༤པའི་ཚེས་༣༠དང་། ཕྱི་ལོ་༢༠༢༠ ཟླ་༦པའི་ཚེས་༢༡ ཉིན་རེས་གཟའ་ཉི་མ་དང་ཉི་སྐར་མགོ་ཡི་ཐོག་སྒྲ་གཅན་གདོང་གིས་ཉི་མ་ལྷོ་ནུབ་ཕྱོགས་ནས་སྒྲིབ་ཅིང་ཁ་དོག་དམར་ནག་ལྟར་དུ་སྣང ་།དེ་ཡང་ལྷ་སར་ཉི་མའི་བཅུ་ཆའི་དགུ་དང་ཕྱེད་ཙམ་འཛིན་ཅིང་། པེ་ཅིང་དུས་ཚོད་ ༡༣ དང་སྐར་མ་ ༢༨ཐོག་འཛིན་ མགོ་བརྩམ། དུས་ཚོད་༡༥དང་སྐར་མ་༡༦ཐོག་འཛིན་རྫོགས་མཐར་ཐུག དུས་ཚོད་༡༦དང་སྐར་མ་༤༧ཐོག་ཡོངས་སུ་གྲོལ་ཟིན། བླ་རུང་དུ་ཉི ་མའི་བཅུ་ཆའི་དགུ་དང་ཕྱེད་མ་ཟིན་ཙམ་འཛིན་ལ། པེ་ཅིང་དུས་ཚོད་༡༣དང་སྐར་མ་ ༥༤ ཐོག་འཛིན་མགོ་བརྩམ། དུས་ཚོད་ ༡༥ དང་སྐར་མ་༣༠ཐོག་འཛིན་རྫོགས་མཐར་ཐུག་དུས་ཚོད་༡༧དང་སྐར་མ་༤༢ ཐོག་ཡོངས་སུ་གྲོལ་ཟིན། མངའ་རིས་སུ་ཉི་མའི་བཅུ་ཆའི ་དགུ་ཙམ་འཛིན་ཅིང་། པེ་ཅིང་དུས་ཚོད་༡༣ ཐོག་འཛིན་མགོ་བརྩམ། དུས་ཚོད་༡༤སྐར་མ་༤༢ ཐོག་འཛིན་རྫོགས་མཐར་ཐུག དུས་ཚོད་༡༦དང ་སྐར་མ་༢༠ཐོག་ཡོངས་སུ་གྲོལ་ཟིན། ཡུལ་ཤུལ་དུ་ཉི་མའི་བཅུ་ཆའི་དགུ་ཙམ་འཛིན་ཅིང་། པེ་ཅིང་དུས་ཚོད་༡༣ དང་སྐར ་མ་༤༦ ཐོག་འཛིན་མགོ་བརྩམ། དུས་ཚོད་༡༥སྐར་མ་༢༠ཐོག་འཛིན་རྫོགས་མཐར་ཐུག དུས་ཚོད་༡༦དང་སྐར་མ་༤༧ཐོག་ཡོངས་སུ་གྲོལ་ཟིན། རྒྱལ ་ཐང་དུ་ཉི་མའི་བཅུ་ཆའི་དགུ་ཙམ་འཛིན་ཅིང་། པེ་ཅིང་ དུས་ཚོད་༡༣ དང་སྐར་མ་༥༥ཐོག་འཛིན་མགོ་བརྩམ། དུས་ཚོད་༡༥སྐར་མ་༣༦ཐོག་འཛིན་རྫོགས་མཐར་ཐུག དུས་ཚོད་༡༧ དང་སྐར་མ་༣ཐོག་ཡོངས་སུ་གྲོལ་ཟིན། ཟི་ལིང་དུ་ཉི་མའི་བཅུ་ཆའི་བདུན་ཙམ་འཛིན་ཅིང་། པེ་ཅིང་དུས་ཚོད་༡༣ དང་སྐར་མ་༥༩ཐོག་འཛིན་མགོ་བརྩམ། དུས་ཚོད་༡༥སྐར་མ་༢༨ཐོག་འཛིན་རྫོགས་མཐར་ཐུག དུས་ཚོད་༡༦དང་སྐར་མ་༥༣ཐོག་ཡོངས་སུ་གྲོལ་ཟིན། པེ་ཅིང་དུ་ཉི་མའི་བཅུ་ཆའི་དྲུག་མ་ལོངས་ཙམ་འཛིན་ཅིང་། པེ་ཅིང་དུས་ཚོད་༡༤དང་སྐར་མ་༣༦ཐོག་འཛིན་མགོ་བརྩམ། དུས་ཚོད་ ༡༥སྐར་མ་༥༢ཐོག་འཛིན་རྫོགས་མཐར་ཐུག དུས་ཚོད་༡༦ དང་སྐར་མ་ ༥༤ ཐོག་ཡོངས་སུ་གྲོལ་ཟིན། གཞན་ཡང་ས་དི་ཨ་རབ།ཕ་ཀི་སི་ཐན། སུའུ་ དན། རྒྱ་གར་རྣམས་ཀྱི་ས་ཁུལ་དང་རྒྱལ་ནང་གི་སི་ཁྲོན་སོགས་ལྷོ་རྒྱུད་ཀྱི་ཞིང་ཆེན་འགའ་དང་། བོད་ཡུལ་གྱི་མི་ཉག་དང་། ལི་ཐང་། ཚ་བ་སྒང་། ལྷ་སའི་བྱང་རྒྱུད་ཀྱི་ས་ཆ་འགའ་ནས་ཉི་མ་གདུབ་འཛིན་དུ་མཐོང་།
西藏天文氣象曆書:“藏歷鐵鼠年4月30日。2020年6月21日,星期日12點47分日食。但由於各地區位差異,日食時間也有些相差。”薩嘎三十和日 環食同一天出現是多麼奇妙! 何止如此,西藏天文氣象曆書中,那天也將夏至,如此三相殊胜日,在近年來都沒有出現過。
འདི་དུས་དགེ་བའི་འགྱུར་ཁྱད་ནི། །དུས་བཟང་དཀྱུས་རྣམས་བརྒྱ་འགྱུར་ལ། །ཟླ་འཛིན་བྱེ་བ་བདུན་འགྱུར་དང། །ཉི་འཛིན་བྱེ ་བ་འབུམ་འགྱུར་དུ་།།རྒྱལ་བའི་གསུང་རབ་མཐའ་ཀླས་པར།།རྒྱས་པར་གསུངས་བཞིན་དོན་མཐུན་ཅིང།།ཁྱད་པར་ཉི་ཟླའི་མདོ ་ལ་སོགས།།དྲང་དོན་གསུང་རབ་རྣམས་ནས་གསུངས།།ངེས་དོན་བཅོམ་ལྡན་དུས་འཁོར་ལོར།།ཉི་འཛིན་རོ་རྐྱང་རླུང་གཉིས་དང། །ཟླ་འཛིན་རྐྱང་མ་དྷཱུ་ཏཱི་རུ།།ཚུད་དུས་བསྐྱེད་རྫོགས་བདག་འཇུག་སོགས། །རྣམ་དཀར་དགེ་འཕེལ་འགྱུར་ཁྱད་ཀྱང།།དེ་དབང་ ཡིན་པ་དོན་དམ་གསུངས།།དེ་བཞིན་མི་དགེའི་ལས་རྣམས་ཀྱང།།འཕེལ་འགྱུར་བཀའ་བསྟན་གཞུང་རྣམས་ལས།།གསུང་ཕྱིར་བག་དང་ལྡན་པར་བྱ།། དགེའོ།
Comments